Friday, November 14, 2008
Thursday, November 13, 2008
ཁྱེད་སྟེ་ངའི་སེམས་ཀྱི་དབྱར་གཞུང་སྣུམ་པོ།

ཅི་ཞིག་གི་དབང་གིས།
ཅི་ཞིག་གི་དབང་གིས
ང་རང་ཁྱེད་ཀྱི་མགྲོན་པོ་ལྷག་མར་གྱུར་ཞིང་།
ཁྱེད་རང་ངའི་འཚོ་བའི་གྲུབ་ཆར་གྱུར།
དུས་དེ་ནས་བཟུང་
རྨི་ལམ་དུའང་ཁྱེད་ཉིད་འཁོར་ཞིང་
སེམས་པའི་ལོག་མལ་དུ་ཁྱེད་ཁོ་ནའི་གླུ་སྐད་འཁོར།
ཅི་ཞིག་བོར་སོང་བ་ལྟ་བུའི་ངས
ཉིན་བཞིན་ཁྱེད་ཀྱི་ཡིད་འོང་གི་མཛེས་སྡུག་བཙལ
མི་ཚོགས་མང་ས་དང་
མུན་པ་འཐུག་ས་རེ་ནས་
ངས་གབ་་ཚིག་གི་ཁ་བྱང་ཀློག་གིན་སྙིང་ཉེ་བའི་ཁྱེད་ཀྱི་
གོམ་སྒྲར་ཉན།
རྨི་ལམ་ལྟ་བུའི་ཁྱེད།
རྨི་ལམ་ལྟ་བུའི་ཁྱེད།
རོལ་དབྱངས་ལྟ་བུའི་ཁྱེད།
ད་དུང་འོ་སྤྲི་ལྟ་བུའི་ཁྱེད།
གལ་སྲིད་ཁྱེད་ངའི་ཁྱིམ་གཞིས་འདིའི་བདག་མོ་ཡིན་ན།
ངས་ནམ་མཁའི་སྐར་ཚོགས་དང་མེ་ཏོག་གི་སྐྲ་རྒྱན་བསླུས་ཏེ་
ཁྱེད་ཀྱི་མགུལ་དུ་འདོག་ངེས་ཡིན།
གལ་སྲིད་ཁྱེད་ངའི་རི་ལུང་གི་བྲག་ཆར་འཁྱིལ་བའི་ལ་གཞས་དེའི་འགྱུར་ཁུགས་ཡིན་ན།
ངས་སེམས་པ་འདིའི་ཁ་དོག་ལ་དཔྱིད་རླུང་ལྟ་བུའི་འཇམ་ཤ་འཁྱིལ་ངེས་ཡིན།
གལ་སྲིད་ང་ཁྱེད་ཀྱི་རྐང་རྗེས་འཐུ་བའི་ཅང་མེད་སྤྲང་བོ་ཞིག་ཡིན་ཚེ།
ཁྱེད་ཀྱིས་ཆར་སིམ་ལྟ་བུའི་གསུང་དབྱངས་ཤིག་གིས།
ངའི་སེམས་པ་བརླན་ཨེ་སྲིད།
གངས་རིའི་མཚར་སྡུག
Friday, November 7, 2008
Monday, November 3, 2008
Tuesday, October 28, 2008
རང་དབང་གི་འཇིག་རྟེན།
པར།
Sunday, October 26, 2008
Saturday, October 25, 2008
སྤྲིན་ནག་འཁྲིགས་པའི་འཇིག་རྟེན།
རྒྱ་མཚོའི་རླབས་སྒྲ་དྲག་ཏུ་འཕྱོ་བ།


རི་བོ་དེའི་ཕ་རོལ་ཏུ་ཁྱེད་ཀྱི་གྲིབ་གཟུགས་གསལ་ཕྱིར ང་ཁོ་ན་ལྷག་རླུང་གི་སྙིང་ཁར་འགྲེང་སྟེ་ཤུགས་ཀྱིས་ངུ།གསལ་ལ་མི་གསལ་བའི་ཟླ་འོད་དང་ལྷེམ་ལྷེམ་འདར་བའི་སྐར་ཚོགས་ཀྱིས་འཇིག་རྟེན་ལ་མྱ་ངན་གྱི་ཤུགས་གླུ་ལེན་དུསསྙིང་ཉེ་ལགས་ངག་སྙན་མོའི་སྒོ་ནས་གླུ་ཞིག་ལོངས་དང་སྤྲིན་པ་ལེབ་མོ་དེའི་ཐུ་འོག་ན་ངས་ཁྱེད་ཉིད་དྲན་པའི་མིག་ཆུ་བསྐོང་ཡོད།