Thursday, November 13, 2008

འཇིག་རྟེན་གསར་བ།




ཅི་ཞིག་གི་དབང་གིས།

ཅི་ཞིག་གི་དབང་གིས

ང་རང་ཁྱེད་ཀྱི་མགྲོན་པོ་ལྷག་མར་གྱུར་ཞིང་།

ཁྱེད་རང་ངའི་འཚོ་བའི་གྲུབ་ཆར་གྱུར།

དུས་དེ་ནས་བཟུང་

རྨི་ལམ་དུའང་ཁྱེད་ཉིད་འཁོར་ཞིང་

སེམས་པའི་ལོག་མལ་དུ་ཁྱེད་ཁོ་ནའི་གླུ་སྐད་འཁོར།

ཅི་ཞིག་བོར་སོང་བ་ལྟ་བུའི་ངས

ཉིན་བཞིན་ཁྱེད་ཀྱི་ཡིད་འོང་གི་མཛེས་སྡུག་བཙལ

མི་ཚོགས་མང་ས་དང་

མུན་པ་འཐུག་ས་རེ་ནས་

ངས་གབ་་ཚིག་གི་ཁ་བྱང་ཀློག་གིན་སྙིང་ཉེ་བའི་ཁྱེད་ཀྱི་

གོམ་སྒྲར་ཉན།

རྨི་ལམ་ལྟ་བུའི་ཁྱེད།

རྨི་ལམ་ལྟ་བུའི་ཁྱེད།

རོལ་དབྱངས་ལྟ་བུའི་ཁྱེད།

ད་དུང་འོ་སྤྲི་ལྟ་བུའི་ཁྱེད།

གལ་སྲིད་ཁྱེད་ངའི་ཁྱིམ་གཞིས་འདིའི་བདག་མོ་ཡིན་ན།

ངས་ནམ་མཁའི་སྐར་ཚོགས་དང་མེ་ཏོག་གི་སྐྲ་རྒྱན་བསླུས་ཏེ་

ཁྱེད་ཀྱི་མགུལ་དུ་འདོག་ངེས་ཡིན།

གལ་སྲིད་ཁྱེད་ངའི་རི་ལུང་གི་བྲག་ཆར་འཁྱིལ་བའི་ལ་གཞས་དེའི་འགྱུར་ཁུགས་ཡིན་ན།

ངས་སེམས་པ་འདིའི་ཁ་དོག་ལ་དཔྱིད་རླུང་ལྟ་བུའི་འཇམ་ཤ་འཁྱིལ་ངེས་ཡིན།

གལ་སྲིད་ང་ཁྱེད་ཀྱི་རྐང་རྗེས་འཐུ་བའི་ཅང་མེད་སྤྲང་བོ་ཞིག་ཡིན་ཚེ།

ཁྱེད་ཀྱིས་ཆར་སིམ་ལྟ་བུའི་གསུང་དབྱངས་ཤིག་གིས།

ངའི་སེམས་པ་བརླན་ཨེ་སྲིད།

གངས་རིའི་མཚར་སྡུག


སྤྲིན་དཀར་དང་ལུག་ཁྱུ་ལྟ་བུའི་བདག་གི
རྣམ་ཤེས་ཕྲ་མོ་གངས་རིའི་གཞིས་ཁྱིམ་དུ
ཐིམ་པ་ནས་བཟུང་།
ཅི་ཞིག་གི་ལན་ཆགས་འཁོར་འདྲའི་
སྡུག་གཏམ་ལོངས་བ་གང་འུ་ཅག་གི་གླེང་གཞིར་གྱུར།

Friday, November 7, 2008

སེམས་ཚོར།

སྒྱུ་མའི་གྲོང་ཚོ།





Monday, November 3, 2008