Friday, November 14, 2008

ཉིན་གཅིག་གི་འཚོ་བ།


Thursday, November 13, 2008

རོལ་དབྱངས་ཀྱི་ས་ཚིགས།


ཤུགས་ཀྱིས་གཞུབ་དང་།


སྙིང་སྟོབས།







ཁྱེད་སྟེ་ངའི་སེམས་ཀྱི་དབྱར་གཞུང་སྣུམ་པོ།


དེ་རིང་ངས་ཁྱེད་ཀྱི་འཛུམ་མདངས་ལས
་ཆེས་ཡིད་དུ་འོང་བའི་རྨི་ལམ་ཞིག་གི་ཁ་བྱང་རྙེད།
ཁྱེད་སྟེ་ངའི་སེམས་ཀྱི་དབྱར་གཞུང་སྣུམ་པོ
ཅི་གི་སླད་དུ
ངའི་སེམས་པའི་འཇིག་རྟེན་དུ
ཆུ་ཕྲན་གྱི་དབྱངས་རྟ་བཞིན་ལྷོད་ཀྱིས་བཞུར་ཡོང་།
ངས་ག་ལེར་ཁ་སྦུབས་སུ་འཁོར་དེ་འདང་ཞིག་བརྒྱབ་ན
་ནམ་ཡང་ངས་གཏོང་མི་འདོད་པ་ཁྱེད་དང་།
ང་འབྲལ་མི་འདོད་པའང་ཁྱེད་ཁོ་ན་རེད།
ཅི་གི་སླད་དུངའི་སེམས་པའི་འཇིག་རྟེན་དུཆུ་ཕྲན་གྱི་
དབྱངས་རྟ་བཞིན་ལྷོད་ཀྱིས་བཞུར་ཡོང་།
ངས་ག་ལེར་ཁ་སྦུབས་སུ་འཁོར་དེ་འདང་ཞིག་བརྒྱབ་ན
་ནམ་ཡང་ངས་གཏོང་མི་འདོད་པ་ཁྱེད་དང་།
ང་འབྲལ་མི་འདོད་པའང་ཁྱེད་ཁོ་ན་རེད།

འཇིག་རྟེན་གསར་བ།




ཅི་ཞིག་གི་དབང་གིས།

ཅི་ཞིག་གི་དབང་གིས

ང་རང་ཁྱེད་ཀྱི་མགྲོན་པོ་ལྷག་མར་གྱུར་ཞིང་།

ཁྱེད་རང་ངའི་འཚོ་བའི་གྲུབ་ཆར་གྱུར།

དུས་དེ་ནས་བཟུང་

རྨི་ལམ་དུའང་ཁྱེད་ཉིད་འཁོར་ཞིང་

སེམས་པའི་ལོག་མལ་དུ་ཁྱེད་ཁོ་ནའི་གླུ་སྐད་འཁོར།

ཅི་ཞིག་བོར་སོང་བ་ལྟ་བུའི་ངས

ཉིན་བཞིན་ཁྱེད་ཀྱི་ཡིད་འོང་གི་མཛེས་སྡུག་བཙལ

མི་ཚོགས་མང་ས་དང་

མུན་པ་འཐུག་ས་རེ་ནས་

ངས་གབ་་ཚིག་གི་ཁ་བྱང་ཀློག་གིན་སྙིང་ཉེ་བའི་ཁྱེད་ཀྱི་

གོམ་སྒྲར་ཉན།

རྨི་ལམ་ལྟ་བུའི་ཁྱེད།

རྨི་ལམ་ལྟ་བུའི་ཁྱེད།

རོལ་དབྱངས་ལྟ་བུའི་ཁྱེད།

ད་དུང་འོ་སྤྲི་ལྟ་བུའི་ཁྱེད།

གལ་སྲིད་ཁྱེད་ངའི་ཁྱིམ་གཞིས་འདིའི་བདག་མོ་ཡིན་ན།

ངས་ནམ་མཁའི་སྐར་ཚོགས་དང་མེ་ཏོག་གི་སྐྲ་རྒྱན་བསླུས་ཏེ་

ཁྱེད་ཀྱི་མགུལ་དུ་འདོག་ངེས་ཡིན།

གལ་སྲིད་ཁྱེད་ངའི་རི་ལུང་གི་བྲག་ཆར་འཁྱིལ་བའི་ལ་གཞས་དེའི་འགྱུར་ཁུགས་ཡིན་ན།

ངས་སེམས་པ་འདིའི་ཁ་དོག་ལ་དཔྱིད་རླུང་ལྟ་བུའི་འཇམ་ཤ་འཁྱིལ་ངེས་ཡིན།

གལ་སྲིད་ང་ཁྱེད་ཀྱི་རྐང་རྗེས་འཐུ་བའི་ཅང་མེད་སྤྲང་བོ་ཞིག་ཡིན་ཚེ།

ཁྱེད་ཀྱིས་ཆར་སིམ་ལྟ་བུའི་གསུང་དབྱངས་ཤིག་གིས།

ངའི་སེམས་པ་བརླན་ཨེ་སྲིད།

གངས་རིའི་མཚར་སྡུག


སྤྲིན་དཀར་དང་ལུག་ཁྱུ་ལྟ་བུའི་བདག་གི
རྣམ་ཤེས་ཕྲ་མོ་གངས་རིའི་གཞིས་ཁྱིམ་དུ
ཐིམ་པ་ནས་བཟུང་།
ཅི་ཞིག་གི་ལན་ཆགས་འཁོར་འདྲའི་
སྡུག་གཏམ་ལོངས་བ་གང་འུ་ཅག་གི་གླེང་གཞིར་གྱུར།

Friday, November 7, 2008

སེམས་ཚོར།

སྒྱུ་མའི་གྲོང་ཚོ།





Monday, November 3, 2008

འབའ་ཡུལ་གྱི་གླུ་བ་ནམ་མཁའི་རྡུང་ལེན།

གངས་རིའི་སྤུན་ཟླ།

གས་ཆག་ཤོར་སོང་།

ལས་སྐལ་དམར་བོ།

ངའི་དགའ་སའི་ཁྱེད།