Thursday, November 13, 2008

ཅི་ཞིག་གི་དབང་གིས།

ཅི་ཞིག་གི་དབང་གིས

ང་རང་ཁྱེད་ཀྱི་མགྲོན་པོ་ལྷག་མར་གྱུར་ཞིང་།

ཁྱེད་རང་ངའི་འཚོ་བའི་གྲུབ་ཆར་གྱུར།

དུས་དེ་ནས་བཟུང་

རྨི་ལམ་དུའང་ཁྱེད་ཉིད་འཁོར་ཞིང་

སེམས་པའི་ལོག་མལ་དུ་ཁྱེད་ཁོ་ནའི་གླུ་སྐད་འཁོར།

ཅི་ཞིག་བོར་སོང་བ་ལྟ་བུའི་ངས

ཉིན་བཞིན་ཁྱེད་ཀྱི་ཡིད་འོང་གི་མཛེས་སྡུག་བཙལ

མི་ཚོགས་མང་ས་དང་

མུན་པ་འཐུག་ས་རེ་ནས་

ངས་གབ་་ཚིག་གི་ཁ་བྱང་ཀློག་གིན་སྙིང་ཉེ་བའི་ཁྱེད་ཀྱི་

གོམ་སྒྲར་ཉན།

No comments: